查看原文
其他

ཧི་མ་ལ་ཡ་མཐའ་ཁུལ་གྱི་ཚོ་པ།

CHARU迦入 CHARU 2022-09-30


汉语版

点击图片阅读


喜马拉雅的边缘部落



སྔགས་པ། 


文献来源:《The people of India》

图片来源:《The people of India》

编译:普桑加

校对:刘时



《The people of India》 ཞེས་པའི་དཔེ་ཆའི་ནང་དུ་

ཧི་མ་ལ་ཡ་མཐའ་ཁུལ་གྱི་ཚོ་པའི་

གྲིབ་གཟུགས་འདྲ་པར་མང་པོ་ཞིག་ཕྱོགས་བསྡུས་བྱས་ཡོད་ལ། 

ང་ཚོས་འདྲ་པར་རྩ་ཆེན་འདི་དག་གི་ཁྲོད་ནས་

ས་གནས་དེའི་ཡུལ་མི་རྣམས་ཀྱི་ཡིད་དབང་འཕྲོག་པའི་

སྣང་བརྙན་ངོ་མ་མིག་ལམ་དུ་འཆར་ཐུབ། 



བོད་མི་ནང་པའི་རྗེས་འཇུག་པ།





བྷོཊཱིཡ་ནི་གཙོ་བོ་འབྲས་ལྗོངས་དང་འབྲུག་ཡུལ། 
བལ་པོ། རྡོར་གླིང་བཅས་ཀྱི་རྒྱུད་དུ་ཁྱབ་ཡོད་པ་དང་། 
ཁོ་ཚོ་ནི་ཧི་མ་ལ་ཡ་ས་ཁུལ་གྱི་གཏན་སྡོད་བྱས་པའི་ཡུལ་མི་ཡིན། 

འབྲས་ལྗོངས་ཀྱི་བྷོཊཱིཡའི་མི་དག་
ཧི་མ་ལ་ཡའི་རི་རྒྱུད་ནས་བདེ་ཐང་གི་རི་ལུང་ཧྲིལ་བོའི་
མཐའ་འཁོར་དུ་འཚོ་བ་རོལ་བཞིན་ཡོད་ལ། 
ཁོང་ཚོའི་གཏམ་གླེང་དང་བྱ་སྤྱོད། གཟུགས་པོའི་ཁྱད་ཆོས། 
དེ་བཞིན་གྱོན་ཆས་དང་གོམས་སྲོལ་ཚང་མ་
བོད་པ་དག་དང་གཅིག་པ་གཅིག་རྐྱང་རེད། 


   འབྲས་ལྗོངས་ཀྱི་བྷོཊཱིཡ། 

འབྲས་ལྗོངས་ཀྱི་བྷོཊཱིཡ། 

བྷོཊཱིཡའི་ནང་པའི་རྗེས་འཇུག་པ།
 
བྷོཊཱིཡའི་ནང་པའི་རྗེས་འཇུག་པ།




རོང་པ་དག་གཙོ་བོ་འབྲས་ལྗོངས་སུ་ཁྱབ་ཡོད་པ་དང་། 
འབྲས་ལྗོངས་སུ་འབྱོར་སྔ་བའི་ཡུལ་མི་ཡིན། 
འབྲུག་ཡུལ་གྱི་ནུབ་རྒྱུད་དང་བལ་པོའི་ཤར་རྒྱུད། 
དེ་བཞིན་ནུབ་ཀྱི་བྷང་ག་ལ་རྒྱལ་ཁབ་དུའང་ཁྱབ་ཡོད།
 
རོང་པའི་ཚོ་པ་ནི་སྔོན་ཆད་བོད་ཡུལ་གྱི་ཡན་ལག་ཅིག་ཡིན་ཞིང་
དཔལ་འབྱོར་དང་རིག་གནས་སོགས་བོད་ཡུལ་དང་འབྲེལ་བ་དམ་པོ་ཡོད། 
ཁོ་ཚོར་གཏན་འཇགས་ཀྱི་སྡོད་གནས་མེད་པས་
ས་ཆ་གཅིག་ནས་ལོ་གསུམ་ལ་ཡང་མི་འདུག་པ་དང་། 
དུས་ཚོད་ངེས་ཅན་ཞིག་ལ་ཐོན་པ་དང་
མཉམ་དུ་ཁོ་ཚོ་ས་ཆ་གཞན་ཞིག་ལ་གནས་སྤར་ནས་འཚོ་བ་རོལ། 

འབྲས་ལྗོངས་ཀྱི་རོང་པའི་མི། 

འབྲས་ལྗོངས་ཀྱི་རོང་པའི་མི། 

འབྲས་ལྗོངས་ཀྱི་རོང་པའི་བུད་མེད།

འབྲས་ལྗོངས་ཀྱི་རོང་པའི་མི། 

འབྲས་ལྗོངས་ཀྱི་མཉན་པ། 

འབྲས་ལྗོངས་ཀྱི་བོད་པ།




འབྲུག་ཡུལ་ནི་ཡ་གླིང་གི་ལྷོ་ཕྱོགས་སུ་ཡོད་ལ། 
ཧི་མ་ལ་ཡ་རི་རྒྱུད་ཀྱི་ཤར་རྒྱུད་དང་ལྷོ་འཕྲེད་ཀྱི་
སྐམ་སའི་རྒྱལ་ཁབ་ཞིག་ཡིན། 
སཾསྐྲྀ་ཏའི་ཡི་གེའི་བསྟན་བཅོས་ལྟར་ན། 
འབྲུག་ཡུལ་དུ་གཏན་སྡོད་བྱས་པའི་ཡུལ་མི་ནི་ཀུ་ཆི་ཚོ་པ་ཡིན་ལ། 
ཚོ་པ་འདིའི་མི་ལ་སྔ་ལོང་པ་ཡང་(Ngalop)ཟེར། 
སྤྱི་ལོའི་དུས་རབས་༩པར་ཁོ་ཚོ་བོད་ཡུལ་ནས་
འབྲུག་ཡུལ་གྱི་བྱང་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་
གནས་སྤོར་བྱས་པ་མ་ཟད། 
བོད་ཡུལ་གྱི་རིག་གནས་དང་
ནང་པའི་བསྟན་པ་སོགས་འབྲུག་ཡུལ་དུ་སྤེལ། 

འབྲུག་པ། 

འབྲུག་པ། 

འབྲུག་པའི་སྲོལ་རྒྱུན་གྱི་གོན་པ། 




ཇོན•ཝི་ལེམ•ཀཻ

The people of India ཞེས་པ་ནི་ཇོན•ཧྥོར་བེས•ཝ་སོན་དང་ཇོན•ཝི་ལེམ•ཀཻ་གཉིས་ཀྱིས་༡༨༦༨ལོ་ནས་༡༨༧༥ལོའི་བར་རྩོམ་སྒྲིག་བྱས་པའི་བམ་པོ་བརྒྱད་ཅན་གྱི་དཔེ་དེབ་ཞིག་ཡིན་ལ། དཔེ་དེབ་འདིའི་ནང་དུ་གཙོ་བོ་ཧི་མ་ལ་ཡ་མཐའ་ཁུལ་གྱི་ཚོ་པའི་ཞིབ་འཇུག་སྙན་ཞུ་བཀོད་ཡོད། དེའི་ནང་གསར་རྟོགས་བྱུང་པའི་ཧི་མ་ལ་ཡའི་ཚོ་པའི་ས་གནས་དེའི་ཡུལ་མིའི་འདྲ་པར་༤༦༨ལྷག་ཕྱོགས་བསྡུས་བྱས་ཡོད།

ཀན་ཉིང་།

དཔེ་ཆ་འདིའི་གསར་རྩོམ་གྱི་འབྱུང་ཁུངས་ནི་ཀན་ཉིང་དང་ཁོའི་ཆུང་མ་ཤར་ལོ་ཐེ་ལས་བྱུང་ཞིང་ཁོ་གཉིས་ཀྱི་ས་གནས་དེར་གཏན་སྡོད་བྱས་པའི་ཡུལ་མི་དག་གི་འདྲ་པར་ཕྱོགས་བསྒྲིགས་ཉར་ཚགས་བྱེད་ཐུབ་པར་རེ་བ་བྱས་ཡོད། པར་རྒྱག་པ་ནི་སྐབས་དེ་དུས་ལག་རྩལ་གསར་པ་ཞིག་ཡིན་པ་དང་ཀན་ཉིང་གིས་ཧི་མ་ལ་ཡའི་ཡུལ་མི་རྣམས་ཀྱི་འདྲ་པར་ལ་བསམ་གཞིགས་དང་ཞིབ་འཇུག་བྱས་པ་རེད།

མཇུག་མཐར་བམ་པོ་བརྒྱད་ཅན་གྱི་རི་མོའི་དཔེ་དེབ་ཕྱོགས་བསྒྲིགས་བྱས་ནས་པར་སྐྲུན་བྱས་པ་དང་། ཡིག་རིས་ཀྱི་རྣམ་པའི་ཐོག་ནས་ཡུལ་མིའི་དཔེ་མཚོན་གྱི་ཁྱད་ཆོས་ཟིན་ཐོར་བཀོད། དེའི་ནང་དུ་མིའི་རྣམ་པ་དང་གྱོན་ཆས། ཡུལ་སྲོལ་གོམས་གཤིས། རྒྱུན་ལྡན་གྱི་འཚོ་བ་རོལ་སྟངས་སོགས་ཚུད་ཡོད། 




编译

普桑加  
迦入藏文编辑员、翻译员

出生于青海省尖扎县,从小对藏文化极为喜爱并其投入了太多的时间和精力。近几年来一直致力于对古今藏文化的研究和探索,对这一领域有了一定的理解和掌握,将来也会不断地探究与学习藏文化,会在此领域开拓出一片天地,为藏文化尽自己的微薄之力。现阶段研究生考试预备中。
学习交流微信:purSung-Kyap 
微博:PhurSungKyap


往期文章
可点击图片阅读
ཧི་མ་ལ་ཡའི་སྒྱུ་རྩལ་ཁྲོད་ཀྱི་ཁ་སྤུ། སྟོད།

༡༧༥༠ལོར་དབྱིན་ཇིའི་དཔེ་མཛོད་ཁང་དུ་ཉར་བའི་བོད་ཡུལ་གྱི་གར་འཆམ།

ཨར་ནོལ་ད྄•ཧཻམ྄་ལགས་ཀྱིས་ལོ་རབས་སུམ་ཅུ་བར་པར་དུ་བླངས་པའི་བོད་ཡུལ།
བོད་ཡུལ་དུ་ཐོག་མར་སླེབས་པའི་ཨུ་རུ་སུའི་ནང་པའི་རྗེས་འཇུག་པ།

བོད་ཡུལ་དང་བལ་པོའི་ལོ་ངོ་བརྒྱ་ཡི་ཚོང་དོན་འགྲོ་འོང་གི་ལོ་རྒྱུས།

འཛམ་གླིང་འབྲོག་པའི་མི་རིགས་ལུས་རྩལ་འགྲན་ཚོགས།

བོད་ཡུལ་དུ་ཕེབས་པའི་ཉི་ཧོང་པ་ཐོག་མ། - ཁ་ཝ་གུ་ཆི•ཨེ་ཀཻ།

ཡོ་རོབ་གླིང་གི་བོད་བརྒྱུད་ནང་བའི་བསྟན་པའི་ས་ཁུལ།
ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།
ཧྥ་རན་སིའི་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།

འབྲུག་ཡུལ་ལ་ཡག་ཚོ་པ། རྒྱལ་འཛིན་ལ་ཁའི་དགའ་སྟོན།



打开心的钥匙
点击图片购买

བོད་སྐད་ཀྱི་ཐད་སྦྲེལ། CHARU1607
客服微信:charuspace
未经作者允许请勿随意印刷转载 后果自负
合作及投稿微信:charuspace

您可能也对以下帖子感兴趣

文章有问题?点此查看未经处理的缓存