查看原文
文化新闻

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བྱང་ཆུབ་སེམས་ཀྱི་སྡོམ་པ་གནང་བ།

阳光慈悲 阳光之卫 2023-08-21

བྱང་སེམས་བདག་ཉིད་ཆེན་པོ་ངེས་པ་དོན་གྱི་མཁས་བཙུན་བཟང་གསུམ་གྱི་བླ་མ། བླ་རུང་ཆོས་སྡེ་བཞི་ཡན་ལག་དང་བཅས་པའི་སློབ་ཚོགས་ཁྲི་ཕྲག་མང་པོའི་འདི་ཕྱིའི་ལམ་སྟོན་པ་ཆེན་མོ། ཡོངས་ཀྱི་བཤེས་གཉེན་དམ་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་ཕྱི་ལོ2023.8.20ཉིན་ཏེ་བོད་ཆུ་ཡོས་ལོའི་བོད་ཟླ་བདུན་པའི་ཚེས་བཞིའི་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་བྱང་ཆུབ་སེམས་ཁྲིད་དང་འབྲེལ་ཏེ་བླ་རུང་གི་སློབ་ཚོགས་སྤྱི་དང་ཕྱོགས་སོ་སོའི་དགོན་སྡེ་དང་དད་ལྡན་མི་སྐྱ་རྣམས་ལ་བྱང་ཆུབ་སེམས་ཀྱི་སྡོམ་པ་གནང་བའི་སྐལ་བཟང་གི་ཡུལ་ངོས།

བྱང་ཆུབ་སེམས་སྡོམ་གྱི་སྒྲ་ཆ་ཚང་།


བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །

མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །

སྐྱེས་པ་ཉམས་པ་མེད་པར་ཡང་། །

གོང་ནས་གོང་དུ་འཕེལ་བར་ཤོག །

བྱང་ཆུབ་སེམས་སྡོམ་གནང་བའི་ཡུལ་ངོས་ཀྱི་བརྙན། 

བྱང་ཆུབ་སེམས་སྡོམ་གནང་བའི་ཡུལ་ངོས་ཀྱི་པར་རིས་ཁག ‍‍‍‍‍


















དེང་དུས་བདག་ཚེ་འབྲས་བུ་ཡོད།།

མི་ཡི་སྲིད་པ་ལེགས་པར་ཐོབ།།

དེ་རིང་སངས་རྒྱས་རིགས་སུ་སྐྱེས།།

སངས་རྒྱས་སྲས་སུ་ད་གྱུར་ཏོ།། 


ད་ནི་བདག་གིས་ཅི་ནུས་ཀྱང་།།

རིགས་དང་མཐུན་པའི་ལས་བརྩམས་ཏེ།།

སྐྱོན་མེད་བཙུན་པའི་རིགས་འདི་ལ།།

རྙོག་པར་མི་འགྱུར་དེ་ལྟར་བྱ།།

སེམ་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ།


ཕན་བཏགས་ལན་ལྡོན་གང་ཡིན་པ། །དེ་ཡང་རེ་ཞིག་བསྔགས་འོས་ན། །མ་བཅོལ་ལེགས་པར་བྱེད་པ་ཡི། །བྱང་ཆུབ་སེམས་དཔའ་སྨོས་ཅི་དགོས། །འགྲོ་བ་ཉུང་ཟད་ནར་མའི་ཟས་སྦྱོར་བ། །སྐད་ཅིག་ཟས་ཙམ་སྦྱིན་པར་བྱེད་པ་དང་། །བརྙས་བཅས་ཉིན་ཕྱེད་འགྲངས་པར་བྱེད་པ་ཡང་། །དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོས་བཀུར། །སེམས་ཅན་གྲངས་མཐའ་ཡས་ལ་དུས་རིང་དུ།། བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཡིད་ལ་བསམ་པ་མཐའ་དག་རྫོགས་བྱེད་པ། །རྟག་ཏུ་སྦྱིན་པ་ལྟ་ཞིག་སྨོས་ཅི་དགོས། །གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །འོན་ཏེ་གང་ཞིག་ཡིད་རབ་དང་བྱེད་ན། །དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ། །རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་། །སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ། །གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། །གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །

༢༠༢༣ལོར་གནང་བའི་མཁན་ཆེན་མཆོག་གི་གསུང་ཆོས་ཁག ‍‍‍‍‍‍‍‍‍‍‍‍‍





您可能也对以下帖子感兴趣

文章有问题?点此查看未经处理的缓存