查看原文
成人

2023 ས་ག་ཟླ་བར་བཛྲ་ས་ཏྭའི་དགེ་བསྐུལ། བརྒྱུད་སྤེལ་གནང་རོགས།

关注 阳光之卫 2023-05-27

གསུང་བ་པོ། མཁན་ཆེན་བསོད་དར་རྒྱས།

ས་ཏྭ་དུང་སྒྲུབ་དང་འབྲེལ་བའི་དགེ་བསྐུལ།

ས་ག་ཟླ་བ་འདིའི་ཚེས་༨ནས་བཟུང་ཉིན་བརྒྱད་ལ། གསེར་ལྗོངས་བླ་མ་རུང་གི་ས་ཏྭ་དུང་སྒྲུབ་དང་འབྲེལ། ས་ཏྭ་དགེ་བསྐུལ་འདིའི་ནང་དུ་རྒྱ་མཚོར་ཆུ་ཐིགས་ཀྱི་དཔེ་བཞིན་འབྲེལ་བ་བྱོས་དང་། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་ལྟུང་མཐའ་དག་ལྷག་མེད་བྱང་བའི་དགོས་པ་ཡོད་དེ། འབུམ་ཕྲག་གཅིག་བརྗོད་ན་རྩ་བའི་དམ་ཚིག་ཉམས་པ་ཡང་ཞི་བར་འགྱུར་རོ་ཞེས་ཕྱག་རྡོར་དྲག་པོ་གསུམ་འདུལ་གྱི་རྒྱུད་ལས་གསུངས་ཤིང་། ཁྱད་པར་དུ། རྫོགས་ལྡན་དུས་སུ་གང་གསུངས་པ།། རྩོད་ལྡན་དུས་སུ་བཞི་རུ་འགྱུར་བཟླ།། ཞེས་གསུངས་པ་ལྟར། སྐྱབས་རྗེ་ཡིད་བཞིན་ནོར་བུའི་ཕྱག་བཞེས་ཀྱང་ས་ཏྭ་འབུམ་བཞི་བཟླ་དགོས་རྒྱུ་འདི་ཡིན་ལ། ཐམས་ཅད་ཀྱིས་ཐུགས་བསྐྱེད་ཆེར་བཞེས་གནང་ནས། རང་གིས་འདོན་པའམ། གཞན་ལ་བསྐུལ་པའི་ས་ཏྭའི་གྲངས་ཀ་འདིར་འགོད་རྒྱུ་མཁྱེན་མཁྱེན།

 གསལ་བཤད། ཕྱི་ཟླ་6ཚེས2ཀྱི་ནངས་མོའི་དུས་ཚོད9སྔོན་ལ་འདོན་པའི་གྲངས་ཀ་རེའུ་མིག་ཏུ་འགོད་ཐུབ་དགོས། ཕྱི་ཟླ6ཚེས2དང་། ས་ག་ཟླ་བའི་བོད་ཚེས༡༤དགོང་མོར་དགེ་འདུན་པ་སྤྱིས་དགེ་བསྔོ་གཟབ་རྒྱས་གནང་རྒྱུ་ཡིན་པས་དེ་ལུགས་ཀུན་པོས་ཐུགས་སུ་འཇོག་རོགས།དཀར་ཟས་རེའུ་མིག་ཀྱང་འདིར་ཡོད་པས་སོ་སོས་ཁས་ལེན་རེའུ་མིག་ཏུ་བཀོད་ན་དགེ་བསྔོའི་གྲལ་དུ་འགྲོ་ངེས་ཡིན།

ས་ཏྭའི་ཕན་ཡོན།

ཀུན་མཁྱེན་མི་ཕམ་རྒྱ་མཚོ།‍‍

ཨོཾ་བཛྲ་ས་ཏྭ་ཧཱུྃཿ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་རྡོ་རྗེ་སེམས་དཔའི་སྙིང་པོ་ཡི་གེ་དྲུག་པ། མཚན་འདི་གང་གིས་ཐོས་པ་དེས་སྔོན་སངས་རྒྱས་མང་པོ་ལ་བྱ་བ་བྱས་པ་ཡིན་ཏེ། རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་ངེས་པར་འབྱུང་བ་དང་། རྒྱལ་བ་རྣམས་ཀྱི་བྱིན་གྱིས་རློབ་པ་དང་། ཐེག་པ་ཆེན་པོར་ངེས་པར་འབྱུང་བ་དང་། མངོན་ཤེས་དང་ལྡན་ཞིང་ལྷག་མཐོང་གི་མིག་དང་ལྡན་པ་དང་། རྒྱལ་བའི་སྲས་སུ་ངེས་པ་ཡིན་ནོ་ཞེས་སྤྱི་མདོ་དགོངས་པ་འདུས་པ་ལས་གསུངས་ཤིང་འདི་འབུམ་ཕྲག་གཅིག་བརྗོད་ན་རྩ་བའི་དམ་ཚིག་ཉམས་པ་ཡང་ཞི་བར་འགྱུར་པོ་ཞེས་ཕྱག་རྡོར་དྲག་པོ་གསུམ་འདུལ་གྱི་རྒྱུད་ལས་གསུངས་དེ་ཉིད་བསྡུས་པ་ལས། རྡོ་རྗེ་སེམས་དཔའི་མཚན་ཙམ་ཞིག །ལན་གཅིག་ཙམ་ཡང་བརྗོད་གྱུར་ན། །འདི་ནི་སྲུང་བ་རྟག་ཆེན་པོ། །སྐད་ཅིག་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས། ཡི་དམ་གྱི་ལྷ་བདེ་མཆོག་དང་དགྱེས་རྡོར་གསང་འདུས་དུས་ཀྱི་འཁོར་ལོ་དཔལ་ཡང་དག་ཧེ་རུ་ཀ་ཕུར་པ་རྡོ་རྗེ་གཞོན་ནུ་རྣམས་ཀྱང་རྡོ་རྗེ་སེམས་དཔའ་ཉིད་ཡིན་ལ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་སྔོན་འདི་ལྟར་དམ་ཚིག་ཉམས་ཆག་ཅན་རྣམས་ཀྱི་མདུན་དུ་བདག་གནས་ནས་སྒྲིབ་པ་ཐམས་ཅད་སྦྱོང་བར་ཤོག་ཅེས་སྨོན་ལམ་བཏབ་པས། ད་ལྟ་འདི་ཉིད་ཀྱི་ལྷ་སྔགས་དྲན་པ་ཙམ་གྱིས་ཉམས་ཆག་སྡིག་སྒྲིབ་སྦྱོང་བར་བྱེད་ཅིང་མདོར་ན་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དཔལ་ལྡན་རྡོ་རྗེ་སེམས་དཔར་འདུས་ཤིང་། གསང་སྔགས་དང་རིག་སྔགས་ཐམས་ཅད་སྙིང་པོ་ཡི་གེ་དྲུག་པ་འདི་ལ་འདུས་པས་ལྷ་སྔགས་འདི་དག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་སོ།།

ཆོས་རྗེ་བླ་མའི་ཞལ་ནས།‍


您可能也对以下帖子感兴趣

文章有问题?点此查看未经处理的缓存