查看原文
其他

外境本无优劣相,自心却是苦寒牢——创巴仁波切早期藏文诗歌选

东方大日 香巴拉佛教中心 2023-03-23



ཕྱི་ཡི་སྣང་བར་བཟང་ངན་མཚན་མས་སྟོང་།
།ནང་གི་འཛིན་པའི་རེ་དོགས་བཙོན་རྭར་ཚུད།
།བདེན་རྫུན་གཉིས་ཀྱི་བར་དུ་འཁྲུག་པ་ཤོར།
།བློ་ཆུང་བྱིས་པ་འཁྲུལ་པའི་མདའ་ཡིས་རྨས།

外境本无优劣相,

自心却是苦寒牢。

游离徘徊真假间,

痴儿苦被幻箭伤。



ཟུར་ཟའི་ཡི་གེ།
སྤུ་གྲིའི་སོ་ཡི་སྦྲང་རྩི་ལྡག།
མཁས་པའི་མིག་འབྲས་ཡིག་ཆས་བཏོན།   
 །མཛེས་མ་བཞིན་རས་ངོམ་པས་རྒས།
།དཔའ་བོ་འཇིགས་མ་ཤེས་པས་ཤི།
།འཁོར་བའི་ཆོས་ལ་གད་མོ་བྲོ།
།སྙན་གྲགས་ཅན་རྣམས་འོན་པར་གྱུར།
།བཟོ་བོའི་ལག་པ་གྲུམ་བུས་གདུང་།
།ཕྱེ་ལེབ་མར་མེའི་ནང་དུ་མཆོང་།
།ལོང་བ་མེ་སྒྲོན་ཐོགས་ནས་འགྲོ།
།ཞ་བོ་རྐང་ཁྲིའི་འཁོར་ལོས་རྒྱུག
།བླུན་པོ་གསུང་བཤད་ཟབ་ཅིང་མཁས།
།གད་མོ་ཤོར་བའི་སྙན་ངག་མཁན།
།དབུགས་ཀྱི་རྒྱུ་བ་ཟད་དེ་ཤི།
།ཆོས་པ་ཆོས་བཞིན་སྤྱོད་པས་འཁོར།
།ཆོས་མ་སྤྱོད་ན་འཁོར་མི་ཤེས།
།སྡིག་ཅན་ཆོས་བཞིན་འཁོར་མ་ཤེས།
།འཁོར་མ་ཤེས་པ་སྲིད་ཀྱིས་འཁོར།
།རྣལ་འབྱོར་རྣལ་འབྱོར་སྒོམ་པས་འཁོར།
།རྩ་འཁོར་མེད་ན་རྣལ་འབྱོར་མིན།
།ཆོས་རྒྱམ་འཁོར་བར་བལྟས་པས་འཁོར།
།འཁོར་བ་མེད་ན་ཆོས་རྒྱམ་མེད།།


讽刺诗

 利剑之刃尝蜂蜜,学者双目毁于书,

花容衰老因轻佻,壮士死于匹夫勇。

可笑轮回之世道,名人皆成聋哑者,

巧匠双手被病害,飞蛾扑于烈火中。

盲人出行提灯盏,跛瘸之人骑单车,

愚人口出金玉言。

狂笑不止之诗人,气竭窒息而毙命,

教徒如法而作为,若不行法则茫然。

恶者不知如法行,于是践行世间法,

修行之人修瑜伽,不知脉轮非瑜伽。

曲坚旁观轮回道,若无轮回则无我。




 ཐོག་མཐའ་མེད་པའི་ནམ་མཁའ་ལས།
 །མཐའ་དབུས་མེད་པའི་མེ་དཔུང་འབར། 
།ཡེ་ཤེས་གཟི་བརྗིད་འཕྲོས་པས་མཛེས།
 །དེ་ཚེ་བཛྲ་དྷཱ་ཏུ་ཤར། 
།སྙིང་རྗེའི་དྲི་བསུང་མཛེས་པ་དང་། 
།ཚུལ་ཁྲིམས་མེ་ཏོག་འཆར་བའི་ཁྲོད།
 །འཇིགས་མེད་དཔའ་བོའི་ཟློས་གར་བསྒྱུར།
 །དེ་ཚེ་བཛྲ་དྷཱ་ཏུ་ཤར། 
།ཐེ་ཚོམ་མེད་པའི་གཞོན་ནུ་དེས། 
།བཟོད་ལ་གཞོལ་བའི་བཞིན་མདངས་ངོམ། 
།དད་པའི་གླིང་བུ་ཀུན་ཏུ་སྒྲོགས། 
།དེ་ཚེ་བཛྲ་དྷཱ་ཏུ་ཤར།
 །བཛྲ་དྷཱརྟུ་ཤར་བའི་མོད།
 །ཆོས་ཀྱི་རྒྱལ་རྔ་ཀུན་ཏུ་སྒྲོགས། 
།ཐེག་གསུམ་ཆོས་ཀྱི་དགའ་སྟོན་རྒྱས། 
།ཏིང་འཛིན་བ་དན་ཀུན་ཏུ་འཕྱོ།
 །ས་གསུམ་ཐར་པའི་ཞིང་དུ་གྱུར།།


无始无终的天空中,

燃烧起没有中心也没有边缘的火焰,

闪耀着迷人的智慧的荣光。

彼时出现了金刚界天女,

散发着慈悲的芬芳,

飘落着清净戒律的花瓣,

跳起了无畏勇士的戏舞。

彼时出现了金刚界天女,

那毫不犹豫的少年,

露出了宽容的面色,

信仰的笛声飘向四方。

彼时出现了金刚界天女,

随着天女的出现,

正法之鼓声遍天,

大设三乘教法之喜宴,

扬起了等持之飞幡,

三域皆成为了解脱的刹土。




 །ཐང་སྟོང་རྒྱལ་པོ་ཡིན་ན། །བཙུན་མོ་དགོས་དོན་མི་འདུག 

།རི་སྟོང་སྨྱོན་པ་ཡིན་ན། །གྲོང་ཁྱེར་དགོས་དོན་མི་འདུག

།ཁར་སང་ཁྱེད་དང་མཇལ་བས། །ན་བཟའ་དམར་པོ་བཞེས་བཞག

།དེ་རིང་བཀའ་མོལ་ཞུ་དུས། །ཞལ་འབག་ཕུད་ན་འགྲིག་ག

།དང་པོ་གཅེར་བུར་སྐྱེས་དུས། །ཕ་མ་བཀའ་དྲིན་ཅན་གྱིས།

 །ང་ལ་མིང་ཞིག་གནང་བྱུང་། །རང་ཉིད་ལོ་ན་སོན་དུས།

 །མིང་གི་ལྕགས་ཐག་དམ་པོ། །ལམ་སང་གཞག་དགོས་དྲན་བྱུང་། 

།སུ་ལ་སྐད་ཆ་དྲིས་ཀྱང། །དྲིས་ལེན་སྐྱལ་མཁན་མ་བྱུང་།

 །ཐང་ཤིང་རླུང་གིས་བསྐྱོད་པའི། །རང་སྒྲས་དྲིས་ལན་བཏབ་བྱུང་།།


若是唐东杰布,便无需纳妃。

即是荒山疯子,便不需城市。

昨日面见你,遂披朱红僧袍。

今日你请愿,还是摘这面具。

赤身到这世上,心下感谢父母,

赐我姓与名。步入成年之时,

便想名之锁链,应及时斩断才是。

问山山不语,询人人不知,

落叶随风起,自答心中惑。




——节选自邱阳创巴仁波切早期珍贵文献中的藏文诗歌







稀有珍藏《邱阳创巴仁波切文集》藏文版,全套四册两千余页。360元全套包邮


内容包含仁波切少年时期的伏藏文献和西方时期的全部教法,是目前最完整的仁波切全集。持明邱阳创巴仁波切,以无比的智慧和勇气,石破天惊的狮吼之风,为东西方无数的佛法追随者醍醐灌顶。目前这些珍贵法本只有藏文版,汉文版还需较长时间,请大家一同护持静候。
藏文版文集,可请入家中珍藏供养,增长智慧资粮与教法的连接。亦可供养寺院与上师,让仁波切的教法广为弘扬!!!




                      编辑/鸟湖山文化   






您可能也对以下帖子感兴趣

文章有问题?点此查看未经处理的缓存